མི་བཟོས་རིག་ནུས།

ལོ་ངོ་གཉིས་གོང་གི་དཔྱིད་དུས་སུ། མི་དང་འཕྲུལ་ཆས་དབར་ལ་མིག་མངས་འགྲན་རྩོད་བྱུང་བ་དེས་མི་བཟོས་རིག་ནུས་ལ་གོ་བ་གསར་པ་ཞིག་ལེན་ཐུབ། དེང་གི་སྐབས་སུ། མི་བཟོས་རིག་ནུས་ཀྱི་ལག་རྩལ་འཕེལ་རྒྱས་ཆེན་པོ་འགྲོ་བའི་གོ་སྐབས་དང་བསྟུན་ནས། ལས་མི་མེད་པའི་སྒོ་རྩིས་ཚོང་ཁང་དང་རིག་ནུས་ཁྱིམ་ཆས་དེ་བཞིན་སྐད་གདངས་དབྱེ་འབྱེད་སོགས་ཀྱི་བེད་སྤྱོད་ལས་ང་ཚོའི་འཚོ་བ་ལ་གྱུར་ལྡོག་ཆེན་པོ་འགྲོ་གི་ཡོད་པ་མ་ཟད། རིག་ནུས་སྨན་བཅོས་དང་རིག་ནུས་སློབ་འཁྲིད་སོགས་རིག་ནུས་ཅན་གྱི་ཞབས་ཞུ་མང་དག་ཅིག་ཡོད།

རིག་ནུས་སྨན་བཅོས། རང་འགུལ་ཐོག་ནད་བཅོས་ལ་གཞོགས་འདེགས་བྱ་རྒྱུ་སློབ་སྦྱོང་བྱ་དགོས།

རིག་ནུས་ཅན་གྱི་སྨན་གཡོག་ཅེས་པའི་འཕྲུལ་ཆས་མི་སྣ་དེས། —— ཚད་གཞིའི་སྐར་ཚད་ལས་སྐར་ཆ་༩༦གིས་འགལ་བའི་ཕུལ་བྱུང་སྦྱང་འབྲས་དེས་སྨན་པའི་ཡིག་རྒྱུགས་ལས་རྣམ་པར་རྒྱལ།

ཨན་ཧུའེ་ཞིང་ཆེན་ཧའེ་ཧྥེ་གྲོང་ཁྱེར་ལུའུ་ཡང་ཁུལ་གྱི་ཧྲོང་སྒང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ། སྨན་པས་སྡེ་ཁུལ་གྱི་གྲོང་མི་ལ་ནད་དཔྱད་བྱེད་བཞིན་ཡོད། མི་བཟོས་རིག་ནུས་ཀྱི་སྨན་གཡོག་དེས་སྨན་པ་དང་ནད་པའི་བཀའ་མོལ་ལ་གཞིགས་ནས་གློག་རྡུལ་ནད་དེབ་དང་ནད་དཔྱད་འདོན་གྱི་ཡོད། སྨན་པ་དེས་ཀྱང་རིག་བཟོས་རིག་ནུས་སྨན་གཡོག་གི་ནད་དཔྱད་ལ་གཟིགས་ནས་ནད་གཞི་གཏན་འཁེལ་གནང་གི་ཡོད།

༢༠༡༧ལོར་ཁཱེ་ཏ་ཤུན་ཧྥེ་ཀུང་སི་དང་ཆིང་ཧྭ་སློབ་ཆེན་གཉིས་མཉམ་འབྲེལ་གྱི་ཐོག་རིག་ནུས་ཅན་གྱི་སྨན་གཡོག་ཅེས་པ་ཞིབ་སྤེལ་གནང་བ་དང་། རྒྱལ་ཁབ་ཀྱི་གསོ་རིག་རྒྱུགས་ལེན་ཐོག་མི་བཟོས་རིག་ནུས་ཅན་གྱི་འཕྲུལ་ཆས་དེས་ཚད་གཞིའི་སྐར་ཚད་ལས་སྐར་ཆ་༩༦གིས་བརྒལ་བའི་ཕུལ་བྱུང་སྦྱང་འབྲས་ཐོབ་པ་འདི་་རྒྱལ་ཡོངས་ཀྱི་ཨང་དང་པོར་གྱུར། མཐོན་པོའི་སྐར་གྲངས་ཀྱིས་གསོ་རིག་རྒྱུགས་ལེན་ལས་རྣམ་པར་རྒྱལ་བ་དེས་རིག་ནུས་ཅན་གྱི་སྨན་གཡོག་དེར་གསོ་རིག་ཤེས་བྱའི་རྣམ་གྲངས་ཀྱི་མ་ལག་འཐུས་ཚང་ཞིག་འཛུགས་ཐུབ་པ་མ་ཟད་། གནས་ཚད་ངེས་ཅན་ཞིག་གི་ཐོག་ལ་རང་འགུལ་ངང་སློབ་སྦྱོང་བྱ་རྒྱུ་དང་གསོ་རིག་གི་ཤེས་བྱ་བེད་སྤྱོད་བཏང་ནས་འགག་གནད་སེལ་བའི་ནུས་པ་ལྡན་ཡོད།

འཕྲུལ་ཆས་མི་སྣས་སྨན་པར་རམ་འདེགས་ཀྱིས་ནད་དཔྱད་དང་ནད་བཅོས་བྱེད་པ་ནས། རིག་ནུས་ཅན་གྱི་སྨན་པས་གསོ་རིག་རྒྱུགས་ལེན་འཕྲོད་ནས་ལས་གནས་བཞེས་པའི་བར། མི་བཟོས་རིག་ནུས་དེས་སྨན་པའི་ལས་ཆོད་གོང་མཐོར་གཏོང་བ་མ་ཟད་སྨན་པའི་ཞབས་ཞུའི་ནུས་པ་སོགས་ཀྱི་འཕེལ་ཕྱོགས་ལ་དགེ་མཚན་ཆེན་པོ་ལྡན་ཡོད། ཁཱེ་ཏ་ཤུན་ཧྥེ་ཀུང་སིའི་ལས་འཛིན་ཆེན་མོ་ལེའུ་ཆེང་ཧྥུང་མཆོག་གིས་མི་བཟོས་རིག་ནུས་ཅན་གྱི་ལས་རོགས་དེ་སྐུད་གནས་ནད་བཅོས་སྟེགས་བུ་འཛུགས་ནས་རྫོང་གྲོང་དང་ཤང་གྲོང་དེ་བཞིན་དབུལ་ཕོངས་ས་ཁུལ་ཀྱི་སྨན་ཁང་བཅས་དང་འབྲེལ་ནས། སྨན་པའི་ནད་བཅོས་ཀྱི་ཆུ་ཚད་མགྱོགས་མྱུར་ངང་གོང་མཐོར་གཏོང་དགོས།

ཆེད་ལས་མཁས་པའི་གསུང་དོན་ལ། མིག་སྔར་མི་བཟོས་རིག་ནུས་ཅན་གྱི་ཆུ་ཚད་དེས་སྨན་པ་ཁག་ལ་གཤོང་ཚད་ཆེ་བའི་ཆེད་ལས་མཁས་པའི་ཤེས་བྱའི་བང་མཛོད་ཅིག་མཁོ་འདོན་ཐུབ་ཅིང་སྨན་པའི་ནད་རྟགས་དཔྱད་ཞིབ་ལ་རོགས་རམ་བྱེད་ཐུབ། གསོ་རིག་གི་ཁྱབ་ཁོངས་ནང་དུ། ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་པ་རྒན་གྲས་ཀྱི་ཚབ་བྱེད་ག་ལ་ཐུབ། འཕྲུལ་ཆས་མི་སྣའི་དེའི་ལས་འགན་གཙོ་བོ་ནི་སྨན་པར་རམ་འདེགས་བྱེད་པ་ལས་ཚབ་བྱེད་པ་དེ་མ་ཡིན། མི་བཟོས་རིག་ནུས་དེས་སྨན་པ་དཀྱུས་མའི་ལས་ཆོད་གོང་མཐོར་གཏོང་བ་དང་། སྨན་པ་རྒན་རབས་ལ་རམ་འདེགས་ཞུ་རྒྱུ་དེ་ཡིན།

རིག་ནུས་ཅན་གྱི་སློབ་ཚན་དེས་དགའ་སྣང་སྐུལ་སྤེལ་ཐུབ་པ་མ་ཟད་མཉམ་འབྲེལ་བྱེད་ཐུབ།

པེ་ཅིང་གྲོང་ཁྱེར་གྲོའོ་ཡང་ཁུལ་གྱི་ཚོད་ལྟའི་སློབ་ཆུང་གི་སློབ་ཁང་ནང་། རྒན་ལགས་ཀྱིས་ཆེས་སྔོན་ཐོན་གྱི་མཉམ་འབྲེལ་སློབ་འཁྲིད་སྟེགས་བུ་སྤྱོད་ནས་ལོ་རིམ་གསུམ་པའི་སློབ་མ་རྣམས་ལ་སློབ་འཁྲིད་གནང་བཞིན་འདུག གནས་ཡུལ་དང་ཁ་ཕྱོགས་ནི་སློབ་ཚན་དེ་གའི་གཙོ་གནད་ཡིན་ཞིང་། སློབ་མས་འགུལ་སྐྱོད་ཀྱི་འཕྲིན་སྦྱོར་མཐའ་སྣེ་ལ་བརྟེན་ནས་དུས་ཚོད་ཐུང་ཐུང་ཞིག་གི་ནང་པའེ་ཏུ་ས་ཁྲ་ཐོག་ལ་གློག་རྡུལ་ཆུ་སྨྱུག་སྤྱོད་ནས་ལམ་ཐིག་བྲིས་སོང་། སློབ་མ་འགའ་ཞིག་འཁྲིད་སྟེགས་སྟེང་དུ་འབོད་ནས། རང་གིས་འཆར་འགོད་ཟིན་པའི་ལམ་ཐིག་འདིར་གསལ་འགྲེལ་གནང་དུ་འཇུག སྤྲོ་སྣང་ལྡན་པའི་སློབ་ཚན་དེས་ཆ་འཕྲིན་ཅན་གྱི་ལག་རྩལ་དེས་སློབ་འཁྲིད་ཀྱི་ཐོག་ལ་བྱུང་བའི་ཕན་ཡོན་དེ་ང་ཚོར་གསལ་ཡོད།

དེང་གི་སྐབས་སུ། མི་བཟོས་རིག་ནུས་དེའང་སློབ་གྲྭ་ཆུང་འབྲིང་ཁག་གི་སློབ་ཚན་ནང་དུ་སྤྱོད་བཞིན་ཡོད། ཆེད་ལས་མཁས་པའི་གསུངས་དོན་ལ། ཆ་འཕྲིན་ཅན་གྱི་སློབ་ཚན་དེས་སྲོལ་རྒྱུན་གྱི་སློབ་གསོར་གནང་བའི་གསར་བརྗེ་ཞིག་དང་འདྲ་བར། རིག་ནུས་ཅན་སློབ་ཚན་དེས་སློབ་མའི་སློབ་སྦྱོང་ལ་སྤྲོ་བ་སྟེར་ཐུབ་པ་མ་ཟད་དགེ་རྒན་ལ་རམ་འདེགས་ཀྱིས་སློབ་མས་ཤེས་བྱའི་དང་ལེན་ཞུ་ཚད་ལ་རྒྱུད་མངའ་ལེགས་པར་ཡོང་ཐུབ། སློབ་མས་རང་འདོད་ཀྱིས་སྔོན་སྦྱོང་དང་བསྐྱར་སྦྱོང་རང་སྦྱོང་སོགས་ཀྱི་ཐབས་ལམ་འདེམས་ཆོག རྣམ་མང་ཅན་གྱི་སློབ་ཚན་བཀོད་སྒྲིག་བྱས་ནས་སློབ་མར་གང་མཁོ་ལེན་དུ་འཇུག་དགོས།

དགེ་རྒན་ལྟེ་བར་འཛིན་པའི་སློབ་འཁྲིད་བྱ་ཐབས་ནས་སློབ་མ་ལྟེ་བར་འཛིན་པའི་སློབ་འཁྲིད་བྱ་ཐབས་ལ་དངོས་སུ་བསྒྱུར་ནས། མ་འོངས་པར་སློབ་ཚན་སྐོར་འཁྲིད་དང་སྐུལ་ཡོད་སློབ་གསོ། སློབ་ཚན་ཐུང་ངུ་། དེ་བཞིན་གློག་རྡུལ་དཔེ་ཁུག་དང་རིག་རྩལ་སློབ་ཁང་བཅས་སློབ་གསོའི་ཆ་འཕྲིན་ཅན་གྱི་སློབ་སྦྱོང་བྱེད་ཐབས་རྣམས་སློབ་རྭའི་ནང་དུ་འཇུག་དགོས།

འཕྲུལ་མིས་སའི་གོ་ལར་དབང་སྒྱུར་བྱ་སྲིད་དམ།

༢༠༠༤ལོར་ཨ་རིར་གློག་བརྙན《ང་། འཕྲུལ་མི》བསྟན་པའི་ནང་དུ། NS-༥དབྱིབས་མཐོ་རིམ་འཕྲུལ་མི་ཞིག་ལ་ཚོད་འཛིན་ལས་རིམ་བསྒར་ཡོད་མོད། འོན་ཀྱང་འཕྲུལ་མིའི་རྩིས་རྒྱག་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བསྟུན་ནས། ཁོ་ཚོས་རང་ཚུགས་ཀྱིས་བསམ་གཞིག་བྱེད་ཤེས་པ་མ་ཟད། ཚོད་འཛིན་གསང་ཨང་སོ་སོས་བཀྲོལ་ནས། རྦད་དེ་རང་ཚུགས་ཐུབ་ཅིང་མིའི་རིགས་དང་མཉམ་གནས་ཐུབ་པའི་རིག་སྟོབས་ཅན་གྱི་འཕྲུལ་ཆས་ཀྱི་ཚོགས་སྤྱི་ཞིག་གྲུབ་པ་མ་ཟད། དུས་མིའི་རིགས་ཧྲིལ་པོའི་འཕྲུལ་ཆས་ཀྱི་སྤྱི་དགྲར་འགྱུར་ཆོག་ཆོག་རེད།།དོན་དངོས་ཀྱི་ཁྲོད་དུ། གནས་ཚུལ་འདི་རིགས་ཐོན་སྲིད་དམ།

འཕྲུལ་ཆས་ཀྱིས་མི་ལྟར་བསམ་གཞིག་བྱེད་པ་ནི་མི་རྣམས་ཀྱི་ཡུན་རིང་ཚུན་གྱི་ཕུགས་འདུན་རེད། དེ་དང་འབྲེལ་ཡོད་འགྲན་སློང་གི་རང་བཞིན་གྱིས་ཕྱུག་པའི་ཚན་རིག་ཅིག་ལ་མི་རྣམས་ཀྱི་རྒྱུན་དུ“མི་བཟོས་རིག་ནུས”ཞེས་བོས། ཚན་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས། འཕྲུལ་ཆས་ལའང་འདུ་ཤེས་དང་བློ་སྣ་ལྟ་བུའི་དམིགས་བསལ་ངོ་བོ་ལྡན་པར་བྱེད་པ་ནི་འཆར་ཡན་མིན།།

འཕྲུལ་མི༼སྐྱེ་དངོས་མ་ལག་མ་ཡིན་པ༽ལ་རང་བདག་འདུ་ཤེས་ལྡན་མིན་དང་། མིའི་རིགས་དང་དགེ་མཚན་འགྲན་ཞིང་ཐ་ན་མིའི་རིགས་ཀྱི་ཤེས་རབ་ལས་ལྷག་པ་ཡོད་མེད་ཐད་སྔ་ཕྱི་བར་གསུམ་དུ་རྩོད་པ་དྲག་པོ་ཐུག་ཡོད་པ་མ་ཟད། གཏན་ཚིགས་རིག་པའི་ཐད་རྩོད་གཞི་རབ་དང་རིམ་པ་བྱུང་ཡོད། དཔེར་ན། སྐྱེ་མེད་ཚེ་སྲོག༼འཕྲུལ་ཆས༽སྐྱེ་ལྡན་ཕུང་པོ་ལྡན་པ་དང་རིགས་འདྲ་བའི་འཚོ་གནས་དང་འགྲན་རྩོད་ཀྱི་འདུ་ཤེས་ལྡན་པར་འཕེལ་རྒྱས་འབྱུང་སྲིད་པར་ང་ཚོར་ཡིད་ཆེས་བྱེད་པའི་རྒྱུ་མཚན་ཡོད་དམ། ནམ་ཞིག་འཕྲུལ་ཆས་ཀྱིས་མིའི་རིགས་ཀྱི་སྒྲིག་སྲོལ་མི་སྲུང་བའི་དར་གསར་འཕྲུལ་ཆས་སོ་སོས་འཆར་འགོད་དང་བཟོས་པ་མ་ཟད་བཀོལ་སྤྱོད་བྱ་སྲིད་དམ། མིའི་རིགས་ཀྱི་ཀུན་སྤྱོད་ཚད་གཞི་འཕྲུལ་ཆས་ལ་སྤྱོད་དགོས་སམ། གླེང་གཞི་འདི་དག་རྒྱུན་དུ་ཚན་འཆར་བརྩམས་སྒྲུང་དང་ཚན་འཆར་གློག་བརྙན་དུ་ཐོན་པ་མ་ཟད། དཔྱད་རྩོམ་སྤེལ་བའམ་དེབ་བཏོན་ནས་ཉེན་བརྡ་གཏོན་མཁན་མཁས་པ་ཇེ་མང་རེད།།


ཕིང་ཕང་སྤོ་ལོ་རྒྱག་བཞིན་པའི་རིག་ནུས་ཅན་གྱི་འཕྲུལ་མི།

ཐབ་ཚང་དུ་ཞབས་འདེགས་ཞུ་བའི་རིག་ནུས་ཅན་གྱི་འཕྲུལ་མི།

མི་རྣམས་ཀྱིས་སེམས་ཁེལ་འདི་འདྲ་བྱེད་པར་རྒྱུ་མཚན་ཡོད། ཚན་རྩལ་གྱིས་འཕྲུལ་ཆས་རིག་ནུས་ཅན་ཆུ་ཚད་ཇེ་མཐོར་འགྲོ་བར་སྐུལ་མ་གཏོང་བ་ཡིན་མོད། འོན་ཀྱང་ཉེན་ཁའི་མཐའ་གང་དུ་ཡོད་མི་རྣམས་ཀྱི་མི་ཤེས། ཉུང་མཐར་ཡང་མིག་སྔའི་ཤེས་རྟོགས་ཀྱི་ཆུ་ཚད་ནས་འགྱིར་མཚམས་ཀྱོ་གནད་འདི་ད་དུང་ཁོང་དུ་ཆུད་པར་དཀའ། མ་ཟད་དེ་བས་གལ་འགངས་ཆེ་བ་ཞིག་ནི། ང་ཚོས་འདས་སོང་ལ་འཛིན་པའི་མཐོང་རྒྱར་བརྟེན་ནས། དེ་ལས་འདའ་བར་འགྱུར་བའི་བྱ་དངོས་ལ་གོ་བ་ལེན

མི་རུང་།།

རྒྱ་སྐྱེད།

རུས་སྒྲོམ་ཕྱིར་མངོན་མ་ལག་ཨེ་ལེགས(Elegs)ལ་མི་བཟོས་རིག་ནུས་སྤྱད་ཡོད། འཁར་བ་ཆ་ཚང་གཅིག་བརྒྱུད་སྤྱོད་མཁན་གྱི་ལག་པའི་སྟངས་སྟབས་རྟོགས་ནས། ཞ་བོའི་འགྲོ་འོང་དང་དྲག་སྐྱེད་ལ་རོགས་རམ་བྱེད་ཀྱི་ཡོད་པས། སྐུབ་སྟེགས་འཁོར་ཅན་གྱི་འཆིང་རྒྱ་ལས་ཐར་གྱི་ཡོད།།


ཤེས་བྱ་སྦྲེལ་མཐུད།

འཕྲུལ་མིའི་ངོས་སྲོལ་གསུམ།

༼ ༡ ༽འཕྲུལ་མིས་མིའི་རིགས་གནོད་འཚེ་གཏོང་བའམ་ཡང་ན་མིའི་རིགས་ལ་གནོད་འཚེ་ཕོག་སྐབས་ལྟས་ནས་བསྡད་མི་ཆོག།

༼ ༢ ༽ངེས་སྲོལ་དང་པོ་ལས་འགལ་བ་ཕུད། འཕྲུལ་མིས་ངེས་པར་དུ་མིའི་རིགས་ཀྱི་བཀའ་ལ་ཉན་དགོས།།

༼ ༣ ༽ངེས་སྲོལ་དང་པོ་དང་གཉིས་པ་ལས་མ་འགལ་བའི་སྔོན་འགྲོའི་འོག འཕྲུལ་མིས་ངེས་པར་དུ་རང་ཉིད་ལ་སྲུང་སྐྱོབ་བྱེད་དགོས།།

ཕག་པ་གསོ་ཚགས་ལའང་མི་བཟོས་རིག་ནུས་ཤེས་དགོས།

ཤིན་ཧྭ་དྲྭ་ཐོག་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཟླ་བ༦པའི་ཚེས་༧ཉིན་ ཨ་ལིས་ཡུན་གྱིས་ཧྲང་ཧའེ་རུ་ETཞིང་ལས་ཀླད་ཆེན་ཞེས་པ་གསར་སྤེལ་གནང་ནས། མི་བཟོས་རིག་ནུས་དང་ཞིང་ལས་གཉིས་གཏིང་ཟབ་ཟུང་འབྲེལ་བྱེད་དགོས། ངོ་སྤྲོད་བྱས་པ་ལྟར་ན། མ་ལག་འདི་མིག་སྔར་ཕག་པ་གསོ་ཚགས་ཀྱི་ནང་དུ་བེད་སྤྱོད་གཏོང་ཟིན། མི་བཟོས་རིག་ནུས་དེས་ཕག་པ་གཅིག་གི་མི་ཚེ་ཧྲིལ་པོའི་རིང་གི་འགུལ་སྐྱོད་རྗེས་ཤུལ་དེ་ཟིན་བྲིས་བཏབ་ཐུབ། སྤྱི་ལི་༢༠༠བྲོས་ཟིན་མེད་པའི་ཕག་པ་དེ་ཕྱིར་ཐོན་མི་ཆོག དུས་ཐོག་ངང་ཕག་ཕྲུག་གི་ཟས་ཟ་བའི་གནས་ཚུལ་དང་སྐད་བཅས་ལ་དབྱེ་འབྱེད་བྱས་ནས་བདེ་ཐང་གི་ཚད་གཞི་ལ་བརྡར་ཤ་ཆོད་པར་སྟབས་བདེ་སྐྲུན་དགོས། དེ་ལྟར་ཉན་ཚེ་འཕྲུལ་སྣང་ལྡན་པའི་མི་བཟོས་ཕག་གསོ་དེ་རང་རྒྱལ་གྱི་གསོ་སྤེལ་ཀུང་སི་ཁག་ལ་ཚོད་ལྟ་བྱེད་པར་འཇུག་ཟིན།

ཕག་ཕྲུག་སྐྱེས་པ་ནས་བཟུང་མི་བཟོས་རིག་ནུས་ལག་རྩལ་དེས་ཕག་ཕྲུག་ཡོངས་ལ་རང་རང་གི་ཡིག་ཚགས་བཟོས་ནས་རིག་ནུས་ལག་རྩལ་དང་ཚོར་ཤེས་མ་ལག་བརྒྱུད་ནས། རིགས་ཁུངས་དང་ལོ་གྲངས། ལྗིད་ཚད། ཟས་ཟ་བའི་གནས་ཚུལ། འགུལ་སྐྱོད་ཀྱི་གྲངས་ཚད། རིམས་འགོག་བཅས་ཚུད་པའི་ཕག་པའི་གཞི་གྲངས་ཡོངས་ཀྱི་ཟིན་ཐོ་ཆ་ཚང་འགོད་ཡོད་ཅིང་། འགུལ་སྐྱོད་ཀྱི་ཁྱད་ཆོས་དང་ཤ་འཕེལ་ཟས་སྤྱོད་བསྡུར་ཚད་ཀྱི་དབྱེ་ཞིབ་ལའང་སྤྱོད་ཆོག དེ་དང་ཆབས་ཅིག་ཏུ་སྒྲ་དབྱངས་རིག་པའི་ཁྱད་ཆོས་དང་དམར་ཕྱིའི་འོད་ཟེར་གྱི་དྲོད་འཇལ་ལག་རྩལ་གཉིས་ཟུང་འབྲེལ་བྱས་ནས་ཕག་པའི་ལུས་དྲོད་དང་གློ་རྒྱག་སྐད་འབོད་བཅས་བརྒྱུད་ནས་ཕག་པ་འདིར་ནད་ཕོག་ཡོད་མིན་བརྡར་ཤ་གཅོད་ཐུབ་ལ་རིམས་ནད་འགའ་ལ་སྔོན་བརྡ་ཡང་གཏོང་ཐུབ།

མི་མང་པོ་ཞིག་གིས་སྣང་བ་ལ། ཕག་པ་ཇི་ལྟར་བྱས་ནས་གསོ་ཚགས་བྱས་རུང་གསོ་མཁན་དང་འབྲེལ་བ་ཡོད་པ་ལས། ང་ཚོ་འཛད་སྤྱོད་པ་དག་དང་འབྲེལ་བ་ཆེར་མེད་སྙམ་གྱི་ཡོད། དོན་དངོས་ཐོག་འདི་ལྟར་ཡིན་ནམ། མ་ཡིན། མི་བཟོས་རིག་ནུས་གསོ་སྤེལ་དེས་ཕག་ཤའི་སྤུས་ཚད་ལེགས་རུ་གཏོང་ཐུབ། མི་བཟོས་རིག་ནུས་ལག་རྩལ་ཡོད་པ་དེས་ང་ཚོས་ཕག་པའི་འགུལ་བསྐྱོད་ཚད་དེ་འཁྲུལ་བ་མེད་པའི་ཐོག་ཤེས་ཐུབ་ལ། སྤྱི་ལེ་གྲངས་ཚད་དེའང་ཕག་ཤའི་སྤུས་ཚད་འབྱེད་པའི་ཚད་གཞི་གསར་པ་ཞིག་གྱུར་ཡོད། མ་འོངས་པར་ང་ཚོར་མཁོ་བ་ནི་སྤྱི་ལེ་༢༠༠རྒྱུགས་ཟིན་པའི་ཕག་པ་ཞིག་ལས་ལྗིད་ཚད་ལ་རྒྱ་མ་༢༠༠ཟིན་པའི་ཕག་ཤ་ཞིག་མ་ཡིན། མི་བཟོས་རིག་ནུས་ཀྱི་གསོ་སྤེལ་བརྒྱུད་ཕག་ཤའི་སྤུས་ཚད་ལེགས་སུ་གཏོང་བ་དེས་འཛད་སྤྲོད་པར་དངོས་ཡོད་ཀྱི་ཁེ་ཕན་ཞིག་གྲུབ་ཡོད།

པར་རིས་བར་འཁྱམས།

ད་དུང་གཟིགས།

ཕྱི་ཕྱོགས་དྲ་མཐུད།

དཔྱད་གཞིའི་དཀར་ཆག