སུའུ་ལེན་

སུའུ་ལེན་ནི་༡༩༢༢ལོ་ནས་༡༩༩༡ལོའི་བར་དུ་གནས་པའི་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས།གུང་ཁྲན་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ།སྐབས་དེའི་འཛམ་གླིང་ཐོག་མངའ་ཁོངས་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཀྱང་ཡིན། ཡོ་རོབ་ཤར་མའི་ཁོངས་མང་ཆེ་བ་དང་།ཧ་ལམ་ཡོངས་ལ་ཨེ་ཤེ་ཡ་དབུས་མ་དང་བྱང་ཨེ་ཤེ་ཡ་ཡིན། ༡༩༤༥ལོ་ནས་བཟུང་མངའ་ཁོངས་ཆེ་ཤོས་སུ་སླེབས་པ་དང་།རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་༢༢༤༠ལས་བརྒལ་ཞིང་།དུས་ཁུལ་༡༡ལས་བརྒལ་ཡོད།

འཛམ་གླིང་དམག་ཆེན་གཉིས་པའི་རིང་ནཱ་ཛི་འཇར་མན་གྱིས་༡༩༤༡ལོའི་ཟླ་༦པར་སུའུ་ལེན་ལ་བཙན་འཛུལ་བྱས་ནས་དུས་ཡུན་ལོ་བཞི་འགོར་བའི་སུའུ་ལེན་གྱི་རྒྱལ་སྲུང་དམག་འཁྲུག་བརྒྱབ་པ་དང་གཞི་ཁྱོན་ཧ་ཅང་ཆེ་བ་དང་།དམག་འཁྲུག་གི་གནས་ཚུལ་ཛ་དྲག་ཆེ་བ།ཤི་རྨས་ཧ་ཅང་ཚབས་ཆེ་བ་བཅས་ཀྱི་དམག་འཁྲུག་དེའི་ནང་སུའུ་ལེན་དམར་དམག་གིས་འགོག་རྒོལ་བྱས་ནས་༡༩༤༥ལོའི་ཟླ་༤པར་འཇར་མན་ཕམ་པར་བྱས་པ་དེ་ཐོག་ནས་འཛམ་གླིང་དམག་ཆེན་གཉིས་པ་དེ་ཡོ་རོབ་གླིང་གི་གཡུལ་སར་མཇུག་འགྲིལ་བ་མཚོན་ཡོད།

དམག་འཁྲུག་གི་རྗེས་སུ།སུའུ་ལེན་གྱིས་དེ་སྔ་འཇར་མན་གྱིས་བཙན་བཟུང་བྱས་པའི་ཡོ་རོབ་ཤར་མའི་རྒྱལ་ཁབ་སྐོར་ཞིག་ཚོད་འཛིན་བྱས། ཨ་རི་དང་།དབྱིན་ཇི།ཧྥ་རན་སི་བཅས་དང་མཉམ་དུ་འཇར་མན་དང་ཨོ་སི་ཁྲུ་རི་ཡའི་ས་ཆ་དང་མི་འབོར་སོགས་ཀྱི་ཐོན་ཁུངས་འབོར་ཆེན་དང་དམག་དོན་གྱི་དངོས་ཤུགས་ཆེན་པོར་བརྟེན་ནས་ཨ་རིའི་རྗེས་ཀྱི་འཛམ་གླིང་ཐོག་གི་རིམ་འདས་རྒྱལ་ཁབ་གཞན་ཞིག་ཏུ་སླེབས་པ་དང་འབྲེལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་གཏོད་ཁོངས་མིའི་རྒྱལ་ཁབ་དང་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཏུ་གྱུར་ནས་རྒྱལ་སྤྱིའི་ལས་དོན་སྣ་ཚོགས་ཁྲོད་སྐད་ཆ་ཤོད་དབང་བཟུང་ཡོད། འཛམ་གླིང་ཁ་ལོ་སྒྱུར་དབང་འཕྲོག་རྩོད་བྱེད་པ་དང་།དེའི་སྟེང་དུ་འདུ་ཤེས་འཛིན་སྟངས་དང་ཆབ་སྲིད་ལམ་ལུགས་གཉིས་ཁ་གཏད་དུ་ལངས་པའི་ཆེད་དུ།སུའུ་ལེན་དང་དེའི་འཁོར་སྐར་རྒྱལ་ཁབ་གཉིས་ཀྱིས་༡༩༥༥ལོར་ཧྭ་ཧྲ་ཆིངས་ཡིག་གི་རྩ་འཛུགས་བཙུགས་པ་དང་།ཨ་མེ་རི་ཁ་གཙོ་བྱས་པའི་ནུབ་རྒྱ་མཚོ་བྱང་མའི་སྤྱི་ཆིངས་ཀྱི་རྩ་འཛུགས(བྱང་ཆིངས་རྩ་འཛུགས)དང་མཉམ་དུ་དུས་རབས་ཕྱེད་ཙམ་རིང་གི་འཇམ་འཐབ་བྱེད་འགོ་བརྩམས་ཏེ།ཕན་ཚུན་སྣེ་འགྱུར་གྱི་རྒྱལ་སྤྱིའི་ཆབ་སྲིད་རྣམ་པ་ཞིག་ཆགས།

ཨ་རི་དང་སུའུ་ལེན་གཉིས་ཀྱིས་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་དཔུང་ཁག་དང་ཤར་ཕྱོགས་སྤྱི་ཚོགས་རིང་ལུགས་ཀྱི་དཔུང་ཁག་གི་ཚབ་བྱས་ཏེ།གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཆབ་སྲིད་ཀྱི་འགྲན་བསྡུར་རབ་དང་རིམ་པ་སྤེལ་བ་མ་ཟད།ཉིང་རྡུལ་བཟོ་ལས་དང་མཁའ་སྐྱོད་ལག་རྩལ་འཕེལ་རྒྱས་ཤུགས་ཆེན་བཏང་ནས།ཉིང་རྡུལ་མཚོན་ཆ་འགྲན་བསྡུར་དང་བར་སྣང་གི་འགྲན་བསྡུར་བྱས་པས།སྔོན་ཆད་སྐབས་ཤིག་རིང་ཉིང་རྡུལ་དམག་འཁྲུག་གི་ཉམས་ཉེན་བྱུང་བ་དང་།དུས་མཚུངས་སུ་མིའི་རིགས་ཀྱི་ཚན་རྩལ་དཔལ་ཡོན་ཡང་རྩེར་སོན་དུ་སྤེལ་ཡོད། འཇམ་འཐབ་ཀྱི་དུས་སུ།སུའུ་ལེན་དང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གཅིག་འདྲར་གཏོགས་པའི་ཀྲུང་གོ་དང་།ནན་སི་ལ་ཧྥུ་སོགས་པའི་རྒྱལ་ཁབ་བར་ཡང་འགལ་བ་རྣོ་ངར་ཆེ་བ་བྱུང་ཡོད།

༡༩༨༠ལོའི་དུས་འགོར། རྒྱལ་སྤྱིའི་ཐོག་གི་སྣུམ་རིན་ཆག་པ་དང་བསྟུན་ནས་སུའུ་ལེན་གྱི་རྡོ་སྣུམ་ཕྱིར་གཏོང་བྱེད་ཚད་ཉུང་དུ་སོང་བ། དེའི་ཐོག་ཡུན་རིང་གི་དམག་ཆས་དང་།བར་སྣང་གི་འགྲན་བསྡུར།དེ་བཞིན་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་ཆེད་ལག་ལེན་ཤུགས་ཆེན་བསྟར་བའི་ཕན་བདེའི་སྲིད་ཇུས་བཅས་ལས་རྒྱལ་མཛོད་ལ་ཟད་གྲོན་ཚབས་ཆེན་བྱུང་བ། མཇུག་མཐར་སུའུ་ལེན་གྱི་དཔལ་འབྱོར་འཕེལ་རྒྱས་བྱུང་བ་དང་།སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་མར་ཆག་པ།རྒྱལ་སྟོབས་སྔར་བས་ཨ་རིའི་ལོ་རབས་། ༡༩༨༠པའི་མཇུག་ནས་ལོ་རབས་༩༠པའི་དུས་འགོར།མི་རིགས་འགལ་བ་བྱུང་བ་དང་ཡོ་རོབ་ཤར་མར་འགྱུར་ལྡོག་བྱུང་ནས་གུང་ཁྲན་རིང་ལུགས་ཀྱི་བསམ་བློར་ཕོག་ཐུག་ཐེབས་པ་དང་བསྟུན་ནས།སུའུ་ལེན་གྱི་དམར་པོའི་རྒྱལ་ཕྲན་མཉམ་འབྲེལ་མ་ལག་ཐོར་ཞིག་ཏུ་འགྲོ་འགོ་བརྩམས་པ་དང་།དུས་མཚུངས་སུ་རྩ་ཁྲིམས་ལ་གཞིགས་ནས་གཅིག་རྗེས་གཉིས་མཐུད་དུ་སུའུ་ལེན་ནས་ཕྱིར་བུད་དེ་རང་བཙན་སླར་གསོ་བྱས།

༡༩༩༡ལོའི་ཟླ་༡༢པའི་ཚེས་༢༥ཉིན།སུའུ་ལེན་གྱི་ཙུང་ཐུང་ཀོ་པ་ཆི་ཧྥུའུ་ཡིས་ལས་ཁུར་དགོངས་ཞུ་བྱས། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ནི་སུའུ་ལེན་གྱི་ཆེས་ཆེ་བའི་མནའ་འབྲེལ་རྒྱལ་ཁབ་ཡིན་པའི་ཆ་ནས།སུའུ་ལེན་གྱི་དཔལ་འབྱོར་དང་དམག་དོན་སྟོབས་ཤུགས།རྒྱལ་སྤྱིའི་གོ་གནས་སོགས་རྒྱུན་འཛིན་བྱས་ཡོད་མོད།འོན་ཀྱང་མི་གྲངས་ཕྱེད་ཀ་ལྷག་གི་གྱོང་གུད་ཐེབས་པའི་གནས་ཚུལ་འོག་ཏུ།སྔར་གྱི་སྟོབས་འབྱོར་ལྡན་པའི་རྣམ་པ་མེད་པར་གྱུར། སུའུ་ལེན་ཐོར་ཞིག་ཏུ་སོང་རྗེས།དེའི་མནའ་འབྲེལ་རྒྱལ་ཁབ་མང་ཆེ་བས་རང་བཙན་རྒྱལ་ཁབ་ཀྱི་མཐུན་ཚོགས་བཙུགས་ཏེ།རང་རང་སོ་སོར་རང་བཙན་གྱི་བདག་དབང་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མུ་མཐུད་དུ་མཉམ་ལས་བྱས། དེ་སྔ་སུའུ་ལེན་གྱི་སྲུང་སྐར་རྒྱལ་ཁབ་ཡིན་པའི་ཡོ་རོབ་ཤར་མའི་རྒྱལ་ཁབ་ནི་འདུ་ཤེས་འཛིན་སྟངས་ཀྱི་རྒྱུ་རྐྱེན་དང་།རྒྱལ་ཁབ་ས་ཆའི་བདེ་འཇགས།དམངས་འཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་བཅས་ཀྱི་དབང་གིས་ཨ་རི་དང་ཡོ་རོབ་མནའ་འབྲེལ་གྱིས་མཚོན་པའི་ནུབ་ཕྱོགས་ཀྱི་དཔུང་སྡེའི(ནུབ་རྒྱ་མཚོ་ཆེ་མོའི་བྱང་མའི་སྤྱི་ཆིངས་རྩ་འཛུགས་སོགས)གཅིག་རྗེས་གཉིས་མཐུད་ངང་ཞུགས་ཡོད།

པར་རིས་བར་འཁྱམས།

སུའུ་ལེན་ སུའུ་ལེན་ སུའུ་ལེན་